热迪查姆
  歌手:仁增太
  所属专辑:热迪查姆
  发行时间:2023.01.21
  发行公司:
作词 : 巴克洛
作曲 : 仁增太
ཀེ་ཐར ཕག་མོ་བསྟན་འཛིན།
རོལ་མོ་སྒྲིག་བཟོ འཇའ་བྷེ།
སྒྲ་ལེན་དང་སྒྲ་སྙོམ འབྲུག་ཆུང་རྒྱལ།
ཡིག་བསྒྱུར། གླིང་གེ་སར་ཡིག་བསྒྱུར་ལས་སྒྲུབ་ཁང་།
རི་མཐོན་པོ་སྨུག་པའི་སྐེ་རགས་ཅན།།
ཤ་ཡུ་མོ་འཁོར་ན་ཇེ་ཡག་རེད།།
འབྲོང་བྲེ་སེར་གསེར་གྱི་རུ་ཐུར་ཅན།།
སྨུག་རྭ་རྩེ་ཁུར་ནས་གང་ལ་སོང་།།
སྟག་ཤ་ར་གྲི་ཆུང་གློ་གཟུར་ཅན།།
ས་འདི་ནས་སོང་ན་རང་ཡུལ་དྲན།།
རུ་སྡེ་བ་སྨུག་པའི་ལ་ཐོད་ཅན།།
ས་གར་སོང་ས་ནས་བརྗེད་མེད་རེད།།
སྤང་སྔོན་མོ་གཡུ་ཡི་མེ་ལོང་ཅན།།
ན་མེ་ཏོག་འཁྲུངས་ན་ཇེ་ཡག་རེད།།
ལུག་ཚེར་དཀར་དུང་གི་བལ་ཁ་ཅན།།
ཐང་མེ་ཏོག་བདའ་ནས་གང་ལ་སོང་།།
སྨན་བུ་མོ་སྐར་མའི་མིག་ཟུང་ཅན།།
ས་འདི་ནས་སོང་ན་རང་ཡུལ་དྲན།།
རུ་སྡེ་བ་གོས་ཆེན་རི་མོ་ཅན།།
ས་གར་སོང་ས་ནས་བརྗེད་མེད་རེད།།
སྡེ་ཆེན་པོ་གཡང་གི་ཁ་ཞགས་ཅན།།
ཕ་ཨ་ཁུས་བསྐོར་ན་ཇེ་ཡག་རེད།།
ནང་ན་ཟླ་གོས་ཚར་ཤོམ་ལྭ་ཅན།།
ཕྱི་སྡེ་མཐའ་བསྐོར་ནས་གང་ལ་སོང་།།
ཆུང་རྩེ་རོགས་ཁ་ཚིག་འོ་མ་ཅན།།
ས་འདི་ནས་སོང་ན་རང་ཡུལ་དྲན།།
རུ་སྡེ་བ་ལྕགས་མཁར་སྒོ་མེད་ཅན།།
ས་གར་སོང་ས་ནས་བརྗེད་མེད་རེད།།
    最新发布歌手专辑歌曲

未经本站许可严禁转载本站内容 流行歌曲歌词免费下载
Copyright©2006-2023 本站所有资讯均来自网上