金杯
  歌手:谢旦、嘉萨豆太加、
  所属专辑:金杯
  发行时间:2019.01.20
  发行公司:
གསེར་གྱི་ཁྲུང་རྐྱན།
གཞས་ཚིག ཚེ་རིང་བཀྲ་ཤིས།
དབྱངས། ཚེ་རིང་དོན་གྲུབ།
གཞས་པ། ཤེར་བསྟན། རྒྱ་བཟའ་སྟག་ཐར་རྒྱལ།
དགའ་འཛོམས་གསེར་གྱི་ཁྲུང་རྐྱན།
བླ་མའི་ཕྱག་ལ་བྱོན་ཡོད།
ཞལ་གསུང་བདུད་རྩི་དྭངས་མོ།
གདུལ་བྱའི་ཁམས་ལ་གཏོར་ནས།
བོད་གངས་ཅན་དག་པའི་ཞིང་ལ།
གསེར་སེར་པོའི་སྨོན་ལམ་སྒྲོན་ཡོད།
ངའི་དྲིན་ཅན་རྩ་བའི་བླ་མ་།
ཡུལ་བདེ་ཆེན་ཞིང་ན་བཞུགས་ཡོད་།
སོ་ཡ་རེ་ལོ
གླུ་སྙན་མོ་ངག་ན་ཡོད་རེད།
དར་སེར་པོ་ལག་ན་ཡོད་རེད།
སོ་ཡ་ལ
ངས་བླ་མ་ཁྱེད་ལ་འབུལ།

དགའ་འཛོམས་གསེར་གྱི་ཁྲུང་རྐྱན།
དཔོན་པོའི་ཕྱག་ལ་འཁྲུངས་ཡོད་།
མཛའ་འཕྲིན་ཉི་མའི་སྣང་བ།
སྒང་པ་བོད་ལ་བསུས་ནས།
ཡུལ་ཆོལ་གསུམ་ཁ་བའི་ལྗོངས་ལ།
སྐྱིད་འཚོ་བའི་འབྱོར་ཕྱུག་རྒྱས་ཡོད།
ངའི་དཔོན་པོ་བྱང་སེམས་ཅན་པོ།
འབངས་སྡེ་བའི་རྒྱན་ལ་བྱོན་ཡོད།
སོ་ཡ་རེ་ལོ།
གླུ་སྙན་མོ་ངག་ན་ཡོད་རེད།
ཆང་བདུད་རྩི་ལག་ན་ཡོད་རེ།
སོ་ཡ་ལ།
ངས་དཔོན་པོ་ཁྱེད་ལ་འབུལ།

དགའ་འཛོམས་གསེར་གྱི་ཁྲུང་རྐྱན།
ཕ་མའི་ཕྱག་ལ་བསྣམས་ཡོད།
བསླུ་མེད་བྱམས་སེམས་དཀར་པོ།
གཅེས་པའི་བུ་ལ་གནང་ནས།
སྦྲ་སྨུག་པོའི་གཞིས་ཁྱིམ་དྲོན་མོར།
ལས་རླུང་རྟའི་ཁ་གཡང་སྒྲོན་ཡོད།
ངའི་དྲིན་ཆེན་ཕ་མ་རྣམས་གཉིས།
བུ་བུ་མོའི་དབུས་ན་རྒས་ཡོད།
སོ་ཡ་རེ་ལོ།
གླུ་སྙན་མོ་ངག་ན་ཡོད་རེད།
དར་དཀར་པོ་ལག་ན་ཡོད་རེད།
སོ་ཡ་ལ།
ངས་ཕ་མ་ཁྱེད་ལ་འབུལ།
སོ་ཡ་རེ་ལོ།
གླུ་སྙན་མོ་ངག་ན་ཡོད་རེད།
དར་དཀར་པོ་ལག་ན་ཡོད་རེད།
སོ་ཡ་ལ།
ངས་ཕ་མ་ཁྱེད་ལ་འབུལ།
སོ་ཡ་ལ།
ངས་ཕ་མ་ཁྱེད་ལ་འབུལ།
    最新发布歌手专辑歌曲

未经本站许可严禁转载本站内容 流行歌曲歌词免费下载
Copyright©2006-2023 本站所有资讯均来自网上