骏马
  歌手:谢旦
  所属专辑:骏马
  发行时间:2020.12.13
  发行公司:
ཅང་ཤེས་རྟ་ཕོ།

ཚིག ཁ་དྲག
དབྱངས། བསོད་ནམས་སྟོབས་རྒྱལ།
ལེན་མཁན། ཤེར་བསྟན།

རྟ་འདི་མི་བྱོན་མ་གསུངས།།
ཁ་བ་ཅན་གྱི་རྟ་རེད།།
རྟ་ཁ་མི་ལེན་མ་གསུངས།།
ཁ་ལས་ཁུར་བའི་རྟ་རེད།།

རྟ་ལ་རྟ་གཤིས་ཡག་པ།།
རྟ་མཆོག་བཅོ་ལྔའི་རྒྱུགས་བྲས།།
རྟ་ལ་སྒ་སྲབ་མཛེས་པ།
བེ་སང་ཉི་མ་རང་ཤར།།

བསོ་་་་་་ཡ་ལ་བསོ་་་་་་ཡ་ལ་བསོ།།

རྟ་ལ་སྒ་སྲབ་མཛེས་པ།
བེ་སང་ཉི་མ་རང་ཤར།།
རྟ་ལ་སྒ་སྲབ་མཛེས་པ།
བེ་སང་ཉི་མ་རང་ཤར།།

རྟ་མཆོག་སྤང་ནས་རྒྱུག་ན།།
རྨིག་པས་ས་གཞི་མནན་སོང་།།
རྟ་མཆོག་རི་ནས་མཚེར་ན།།
རི་ལུང་གཉིད་ལས་དཀྲོགས་འགྲོ།།

རྟ་ལ་རྣམ་རིག་འཛོམས་པ།།
ཅང་ཤེས་འདོ་རིག་རྟ་རེད།།
རྟ་གོང་མནན་ཁ་དཀའ་བ།།
རྟ་བདག་གང་འདོད་མ་གནང་།།

བསོ་་་་་་ཡ་ལ་བསོ་་་་་་ཡ་ལ་བསོ།།

རྟ་གོང་མནན་ཁ་དཀའ་བ།།
རྟ་བདག་གང་འདོད་མ་གནང་།།
རྟ་གོང་མནན་ཁ་དཀའ་བ།།
རྟ་བདག་གང་འདོད་མ་གནང་།།

མི་ཡང་བོད་ཀྱི་མི་རེད།།
རྟ་ཡང་བོད་ཀྱི་རྟ་རེད།།
མི་རྟ་རྡོ་རྗེ་སྤུན་གྲོགས།།
གནམ་ལྕགས་ཐོག་གི་དོ་ཡིན།།

རྟ་ལ་མི་འདང་བཞག་ནས།།
རྟ་ལྕག་མཁའ་ལ་མ་ཕྱར།།
རྟ་ཕོ་མི་སེམས་ཅན་པོས།།
བྱང་ལམ་མཚམས་ནས་མ་སྐྱུར།།

བསོ་་་་་་ཡ་ལ་བསོ་་་་་་ཡ་ལ་བསོ།།

རྟ་ཕོ་མི་སེམས་ཅན་པོས།།
བྱང་ལམ་མཚམས་ནས་མ་སྐྱུར།།
རྟ་ཕོ་མི་སེམས་ཅན་པོས།།
བྱང་ལམ་མཚམས་ནས་མ་སྐྱུར།།
རྟ་ཕོ་མི་སེམས་ཅན་པོས།།
བྱང་ལམ་མཚམས་ནས་མ་སྐྱུར།།

未经本站许可严禁转载本站内容 流行歌曲歌词免费下载
Copyright©2006-2023 本站所有资讯均来自网上