重生 ( 海南州华德扎足球俱乐部队歌)
  歌手:野狼乐队
  所属专辑:重生
  发行时间:2017.05.10
  发行公司:
作词 : 野狼乐队
作曲 : 野狼乐队
རོ་ལངས།
ཚིག ཚེ་དབང་ལྷུན་འགྲུབ།
དབྱངས། དཀའ་ཐུབ་རྒྱལ།
གཞས་པ།རི་སྤྱང་རོལ་ཚོགས།
རླུང་ནག་འཚུབ་དུས། སྦྲ་སྨུག་པོ་འཁྱག་པས་ཕྱི་དཀྲུགས་ནང་དཀྲུགས།སྟག་ཁྱི་གཟིག་ཁྱི་འདྲེས་སོང།
གཡང་ཟོག་ཇག་པས་དེད་སོང་། གཙང་བོ་ལ་དར་ཆགས།ར་རིབ་ཁང་ཁྱིམ་གཉིད་འདུག སེམས་མེད་བུ་ཆུང་འཁྱམ་འདུག རི་ལ་མགོའི་དར་ལྕོག་ཟད་སོང། སེམས་བསྐྱེད་ལ་ནག་ནོག་བསྒོས་འདུག
གློག་དམར་འཁྱུག་དུས། རྟ་འདོ་བ་གོམ་ལག་ཁྱ་མ་འཁྱོར་རེད། སྤང་ཐང་སྨུག་པའི་མ་ཆོད། འཇའ་ཚོན་ཞག་པའི་མ་ཟིན། རུས་རྐང་ལ་ཙ་ཆག རྩྭ་ལྗང་ཟིལ་བ་རྐམ་འདུག ལང་ཚོའི་མེ་ཏོག་རླུང་ནག་འཚུབ་དུས། སྦྲ་སྨུག་པོ་འཁྱག་པའི་ཕྱི་དཀྲུགས་ནང་དཀྲུགས།སྟག་ཁྱི་གཟིག་ཁྱི་འདྲེས་སོང།
གཡང་ཟོག་ཅག་པའི་དེད་སོང་གཙང་བོ་བ་ལ་དར་ཆགས།ར་རིབ་ཁང་ཁྱིམ་གཉིད་འདུག སེམས་མེད་བུ་ཆུང་འཁྱམ་འདུག རི་ལ་མགོའི་དར་ལྕོག་ཟད་སོང། སེམས་བསྐྱེད་ལ་ནག་ནོག་བསྒོས་འདུག
གློག་དམར་འཁྱུག་དུས། རྟ་འདོ་བ་གོམ་ལག་ཁྱ་མ་འཁྱོར་རེད། སྤང་ཐང་སྨུག་པའི་མ་ཆོད་འཇའ་ཚོན་ཞག་པས་མ་ཟིན། རུས་རྐང་ལ་ཙ་ཆགས། རྩྭ་ལྗང་ཟིལ་བ་སྐམ་འདུག ལང་ཚོའི་མེ་ཏོག་འཐོར་འདུག འབྲོང་ར་ཁ་བྲག་ལ་ཟུག་སོང་། དངན་པ་ཡིས་ཤུགས་གླུ་འཐེན་འགྲོ།
ཡིད་སྣང་བ་མཚོ་མོ་གཡོས་འདྲ།། འཕག་འཚག་གི་ང་རོ་སྒྲོག་ཡོད།། ལག་སོར་མོ་ཨ་ལོང་བརྒྱུས་འདྲ།། རྒྱང་བསྐྱོད་ཀྱི་དར་ཆ་ཕྱར་ཡོད།།
སྙིང་རུས་མེད་ན་ལད་འགྲོ།།ཤ་ཞེན་མེད་ན་ཕོངས་འགྲོ།།ངའི་མེ་དཔུང་སྲིད་པའི་མིག་ཡིན། ངའི་གྲོགས་གཅེས།
དམིགས་པའི་གཏད་སོ་གཅིག་ན།། གོམ་པའི་འདེགས་འཇོག་མཉམ་ན།། གཞས་དབྱངས་རྟས་མུན་པ་དཀྲོལ་ཆོག མུན་ནག་ཁམས།
    最新发布歌手专辑歌曲

未经本站许可严禁转载本站内容 流行歌曲歌词免费下载
Copyright©2006-2022 本站所有资讯均来自网上